MP3JOSS

DRESEY PIWANG | New Tibetan Gorshey | TASPHUN | His Holiness 90th Birthday Song

DRESEY PIWANG | New Tibetan Gorshey | TASPHUN | His Holiness 90th Birthday Song

Choose Download Format

Download MP3 Download MP4

Details

TitleDRESEY PIWANG | New Tibetan Gorshey | TASPHUN | His Holiness 90th Birthday Song
AuthorTASPHUN STUDIO
Duration5:25
File FormatMP3 / MP4
Original URL https://youtube.com/watch?v=KpUkJVEWFuw

Description

Lyrics
གོ་སྟོན་གླུ་དབྱངས་དྲི་ཟའི་པི་ཝང་

༄༅། །སྤྲུལ་པའི་ཡི་གི་ཨ་ཀ་མ་གསལ་ཏེ།།
དཔལ་ལྡན་ལྷ་མོས་ལྷ་མོ་དོན་གྲུབ་བསུས།།
གངས་ཅན་བོད་ལ་སྐྱིད་པའི་ཉི་མ་ཤར།།
རྨོངས་མུན་སེལ་བའི་བཅོ་ལྟའི་ཟླ་བ་ཤར།།

མཚན་དཔེའི་མེ་ཏོག་ཤར་བའི་གཞོན་ནུ་མཆོག།།
བཞིན་འཛུམ་ཟླ་བའི་མདངས་ཀྱིས་མཛེས་བཞིན་དུ།།
པོ་ཏཱ་ལ་རུ་གསེར་ཁྲི་མངའ་གསོལ་བས།།
འཛམ་གླིང་ཡོངས་ལ་ཞི་བདེའི་འོད་སྣང་གསལ།།

བཀའ་དྲིན་ཆེའོ་བསྟན་འཛིན་རྒྱ་མཚོ་མཆོག །
སྐུ་ཚེ་བརྟན་ཅིག་བསྟན་འཛིན་རྒྱ་མཚོ་མཆོག།
གོ་སྟོན་བཀྲིས་དགའ་སྟོན་རྟེན་འབྲེལ་ཞུ།།
འཁྲུངས་སྐར་བཀྲིས་དགའ་སྟོན་རྟེན་འབྲེལ་ཞུ།།

བྱམས་བརྩེའི་གཏེར་ཆེན་བསྟན་འཛིན་རྒྱ་མཚོ་མཆོག།།
བཅུ་དྲུག་ལང་ཚོར་རྒྱལ་སྲིད་ཆོས་སྲིད་བཞེས།།
ལུགས་ཟུང་ཉི་ཟླའི་འོད་ཀྱིས་འཇིག་རྟེན་གསལ།།
གངས་ཅན་པ་རྣམས་དགའ་བའི་གར་བྱེད་དོ།།

མཁྱེན་པའི་གཏེར་ཆེན་བསྟན་འཛིན་རྒྱ་མཚོ་མཆོག།།
གསུང་རབ་རྒྱ་མཚོའི་ཕ་མཐར་སོན་པས་ན།།
ཉེར་ལྔའི་ལང་ཚོར་དགེ་བཤེས་མཚན་རྟགས་བཞེས།།
འཛམ་གླིང་མཁས་པའི་གཙུག་གི་རྒྱན་དུ་གྱུར།།


བཀའ་དྲིན་ཆེའོ་བསྟན་འཛིན་རྒྱ་མཚོ་མཆོག །
སྐུ་ཚེ་བརྟན་ཅིག་བསྟན་འཛིན་རྒྱ་མཚོ་མཆོག།
གོ་སྟོན་བཀྲིས་དགའ་སྟོན་རྟེན་འབྲེལ་ཞུ།།
འཁྲུངས་སྐར་བཀྲིས་དགའ་སྟོན་རྟེན་འབྲེལ་ཞུ།།

ནུས་པའི་གཏེར་ཆེན་བསྟན་འཛིན་རྒྱ་མཚོ་མཆོག།།
ང་དགུའི་ལང་ཚོར་བཙན་བྱོལ་ཕེབས་པའི་མཐུས།།
བོད་མིའི་སྡུག་བསྔལ་གཡང་ས་ཆེ་ལས་སྐྱོབ།།
མང་གཙོའི་ལམ་བཟང་ཁྱེད་ཀྱི་དྲིན་ལས་བྱུང་།།

རླབས་ཆེན་མཛད་འཕྲིན་ཉི་མའི་འོད་ཟེར་འཕྲོ།།
ཐུགས་བསྐྱེད་དམ་བཅའི་ཟླ་བའི་འོད་ཟེར་འཕྲོ།།
འཛམ་གླིང་ཞི་བདེའི་སྐར་མའི་འོད་ཟེར་འཕྲོ།།
ཆེས་མཐོའི་གཟེངས་རྟགས་བརྒྱ་ཕྲག་དུ་མ་བཞེས། །

བཀའ་དྲིན་ཆེའོ་བསྟན་འཛིན་རྒྱ་མཚོ་མཆོག །
སྐུ་ཚེ་བརྟན་ཅིག་བསྟན་འཛིན་རྒྱ་མཚོ་མཆོག།
གོ་སྟོན་བཀྲིས་དགའ་སྟོན་རྟེན་འབྲེལ་ཞུ།།
འཁྲུངས་སྐར་བཀྲིས་དགའ་སྟོན་རྟེན་འབྲེལ་ཞུ།།

🎧 Just For You

🎵 Despacito - Luis Fonsi & Daddy Yankee… 🎵 Daisies (If Duplicate, Skip) 🎵 Bundy Vision - Media Puzzle 🎵 Wake Me Up - Avicii 🎵 Jump - Blackpink 🎵 Thinking Out Loud - Ed Sheeran 🎵 Lose Control - Teddy Swims 🎵 Love Me Not - Ravyn Lenae 🎵 Forget You - Ceelo Green 🎵 4X4 - Travis Scott 🎵 Sapphire - Ed Sheeran 🎵 Roar - Katy Perry